ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་གསུམ་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་སྐར་མ་བཞི་བཅུའི་སློབ་ཁྲིད་ཀྱི་དུས་ཚོད་ནང་དུ་གྲོགས་པོ་ཆུང་ཆུང་ཚོས་ངེས་པར་དུ་བསྒྲུབ་དགོས་པ་བཞི་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཤད་པ།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་རྡོ་རྗེ་མཚོ་སྐྱིད་ཀྱིས་བླངས་པའི་ཨ་བོ་བྱེའུ་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རི་དྭགས་རུ་རུས་ཕན་བཏགས་པ་ཞེས་པའི་ལེགས་བཤད་གཏམ་རྒྱུད་ཅིག་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གངས་ལྫོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།