ན་ཆུང་བྱིས་པའི་དགའ་ཚལ། ས་ཡོམ་བྱུང་ཚེ་ཇི་ལྟར་རང་ཉིད་ལ་སྲུབ་སྐྱོབ་བྱེད་དགོས།
2021.05.25 ཁུངས། ཀློག་གྲངས། 52

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་འགོ་བརྩམས་མ་ཐག་ཐད་གཏོང་གི་སྐུད་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ན་ཡོད་པའི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བཀྲ་ཤིས་དོན་གྲུབ་ལ་སྦྲེལ་ནས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་གྲོགས་པོ་ཆུང་ཆུང་ཚོའི་འཚོ་བ་དང་སློབ་སྦྱོང་གི་ཐད་ལ་རྒྱུས་ལོན་བྱས་ཡོད་ལ།ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་གསུམ་བཀོད་སྒྲིག་བྱས་ཡོད།

༡ རིག་པའི་སྐར་ཁུང་གི་ནང་དུ་ས་ཡོམ་བྱུང་ཚེ་ཇི་ལྟར་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་པའི་ཐད་ཀྱི་རྒྱུན་ཤེས་ཤེས་བྱ་ཐུང་ངུ་འགའ་མཚམས་སྦྱོར་བྱ་རྒྱུ།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་རྡོ་རྗེ་མཚོ་སྐྱིད་ཀྱིས་བླངས་པའི་ཨ་ཁུ་ཉི་མ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་འགས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།

ན་གཞོན་དར་ན་རྒྱལ་ཁབ་དར།

རྒྱལ་དར་བསྒྲེངས་བཞིན་པ།

གནོད་སྐྱོབ་སྦྲ་གུར་ནང་གི་སློབ་ཁང་ཆུང་ཆུང་།

ང་ཚོ་སྔར་བཞིན་བདེ་བར་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ།ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།