ན་ཆུང་བྱིས་པའི་དགའ་ཚལ་གྱི་དྲུག་གཅིག་ཆེད་སྒྲིག་ལེ་ཚན།
2021.06.01 ཁུངས། ཀློག་གྲངས། 114

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་དྲུག་གཅིག་ཆེད་སྒྲིག་ལེ་ཚན་ནང་ཐད་གཏོང་སྐུད་ལམ་རང་ཞིང་གི་དྲུག་གཅིག་དུས་སྟོན་ལ་སྟ་གོན་བྱེད་བཞིན་པའི་སློབ་གྲྭ་རེ་འགར་སྦྲེལ་ནས་དྲུག་གཅིག་ལ་ཇི་ལྟར་རོལ་བཞིན་པའི་གནས་ཚུལ་ལ་རྒྱུས་ལོན་དང་སློབ་གྲོགས་ཚོས་སྐུད་ལམ་ནས་རིག་རྩལ་འཁྲབ་སྟོན་བྱས་ཏེ་རྣམ་པ་མི་འདྲ་བའི་སྒོ་ནས་སྒྲ་སྡུད་འཕྲུལ་ཆས་འགྲམ་གྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་གཞན་དྲུག་གཅིག་བྱིས་པའི་དུས་ཆེན་ནི་ཇི་ལྟར་བྱུང་བའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཤད་པ། ཞོར་དུ་དྲ་ལམ་ཁག་ནས་དྲུག་གཅིག་དུས་སྟོན་ལ་བསྐུར་ཡོང་བའི་རྟེན་འབྲེལ་སྨོན་ཚིག་ལ་བལྟ་ཀློག་བཅས་བྱས་ནས་དྲུག་གཅིག་དུས་སྟོན་རོལ་ཡོད།

སྐུད་ལམ་སྦྲེལ་གནས།

༡ མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་།

༢ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སློབ་གྲྭ་ཆུང་འབྲིང་གི་དྲུག་གཅིག་བྱ་འགུལ་སྟ་གོན་ཡུལ་དངོས།

ལེ་ཚན་ཁྲོད་ཞུགས་མཁན་གྱི་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོ།

     ཞིན་ཧེ་རྫོང་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་རིག་གནས་སྒྱུ་རྩལ་དུས་སྟོན་གྱི་ཟུར་ཞིག

གྲོགས་པོ་ཆུང་ཆུང་ཚོའི་དུས་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ།

རྩོམ་སྒྲིག་པ། ནོར་བུ་མཚོ།

མདོ་འཛིན་པ།བཀྲ་ཤིས་རྒྱ་མཚོ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།