ན་ཆུང་བྱིས་པའི་དགའ་ཚལ། ན་ཆུང་གདོང་ལེན་པ་དང་འབྲེལ་བའི་ཤེས་བྱ་ཐོར་བུ།
2021.06.08 ཁུངས། ཀློག་གྲངས། 124

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་གྱི་ཐད་གཏོང་ལེ་ཚན་ནང་དུ་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ རིག་པའི་སྐར་ཁུང་གི་ནང་དུ་ན་ཆུང་གདོང་ལེན་རུ་ཁག་དང་འབྲེལ་བའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རིག་པའི་གྲོགས་པོ་ཞེས་པའི་རྡུང་ལེན་ཞིག་དང་གངས་ཅན་བྱིས་གླུ་ལས་མཛུབ་གུ་ལྔ་ཞེས་པའི་སྙན་མོ་གཞས་ཆུང་གཉིས་བཀོད་སྒྲིག་བྱས་ཡོད།

༣ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བྱི་བས་རྒྱལ་བོར་འཁོན་ལན་སྤྲད་པ་ཞེས་པའི་གནའ་གཏམ་ཐུང་ངུ་ཞིགདང་། གཞན་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པའི་སྟེང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་འགས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།



རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།