
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར།ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་གི་བྱིས་བློ་ཏང་ལ་ཕྱོགས་ཞེས་པའི་གཏམ་བཤད་བྱ་འགུལ་སྟེང་གི་སློབ་གྲོགས་ཆུང་ཆུང་ཚོའི་གཏམ་བཤད་སྒྲ་བླངས་པ་དང་སློབ་གྲོགས་སྐལ་བཟང་སྒྲོལ་མས་གྱེར་བའི་ང་ཡི་མེས་རྒྱལ་ཞེས་པའི་སྙན་རྩོམ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད་ལ།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བསྟན་འཛིན་དབང་མོས་བླངས་པའི་སྐལ་བཟང་མེ་ཏོག་ཞེས་པའི་བྱིས་གླུ་ཞིག་དང་མེ་ཏོག་ཚན་སྡེབ་ཀྱིས་བླངས་པའི་ཨ་མའི་ལོ་ལོ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣རིག་པའི་སྐར་ཁུང་གི་ནང་དུ་ན་ཆུང་སློབ་མའི་ཀུན་སྤྱོད་མཛུབ་སྟོན་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

བྱིས་བློ་ཏང་ལ་ཕྱོགས་ཞེས་པའི་གཏམ་བཤད་བྱ་འགུལ་སྟེང་གི་སློབ་གྲོགས་ཆུང་ཆུང་ཚོ།

སློབ་གྲོགས་སྐལ་བཟང་ལྷ་མོས་ང་ཡི་མེས་རྒྱལ་ཞེས་པའི་སྙན་རྩོམ་གྱེར་བཞིན་པ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།