ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་དག་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་གི་བྱིས་བློ་ཏང་ལ་ཕྱོགས་ཞེས་པའི་གཏམ་བཤད་བྱ་འགུལ་སྟེང་གི་སློབ་གྲོགས་ཆུང་ཆུང་ཚོའི་གཏམ་བཤད་ཁག་གསུམ་པ་སྒྲ་བླངས་པ་དེ་བཀོད་སྒྲིག་བྱས་ཡོད་ལ། གཞན་ཁྭ་ཏའི་མདོག་ནག་པོའི་རྒྱུ་མཚན་ཅི་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་དབྱངས་ཅན་སྒྲོལ་མས་བླངས་པའི་རྨ་བྱ་ཞེས་པ་དང་སྒྲོལ་མས་ཚན་སྡེབ་ཀྱིས་བླངས་པའི་ཞོགས་པའི་ཉི་གཞོན་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ན་ཆུང་སློབ་མའི་ཀུན་སྤྱོད་མཛུབ་སྟོན་ཐད་ཀྱི་ཤེས་བྱ་ཐུང་ངུ་གསུམ་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།