【ཐོས་པ་དགའ་སྐྱེད】ནང་དུ“གདངས་དབྱངས་ངག་གི་མཆོད་པ”ཞེས་པ་ཞིག་གཏན་ཁེལ་བྱས་ཏེ། གྱེར་འདོན་ལ་དགའ་བའི་གྲོགས་པོ་ཆུང་ཆུང་སྐོར་ཞིག་གི་གྱེར་འདོན་བརྩམས་ཆོས་བཀོད་སྒྲིག་བྱས་ཡོད། གྱེར་འདོན་གྱི་བརྩམས་ཆོས་ནི《དགེ་སློབ་ཀྱི་གཏམ་རྒྱུད》། གྱེར་མཁན་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཞག་འདུག་སློབ་ཆུང་གི་སྐར་ཆུང་ཚན་སྡེབ་སྟེ་སློབ་གྲོགས་ཆུང་ཆུང་མགོན་པོ་བཀྲ་ཤིས། ཀླུ་མོ་ཚེ་རིང་། སྐལ་བཟང་སྒྲོལ་མ་བཅས་ཡིན། དེ་མིན་གྲོགས་མོ་ཆུང་ཆུང་ཀླུ་མོ་སྒྲོལ་མས་གྱེར་བའི“བཀའ་དྲིན་མཚུངས་མེད་ཀྱི་དགེ་རྒན་ལགས”ཞེས་པའི་ལྷུག་རྩོམ་ཞིག་དང་སློབ་གྲོགས་ཆུང་ཆུང་གནམ་ལྕགས་རྡོ་རྗེ་ཡིས་གྱེར་བའི་སྙན་ངག《ས་སྒང་གི་སྲུང་མདུད་ལྗང་ཁུ》ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་གཏམ་རྒྱུད་ལས“བསམ་གཞིག་གི་རྒྱལ་པོ་ཉིའུ་ཏུན”ལགས་ངོ་སྤྲོད་བྱེད་རྒྱུ་ཡིན། གྲོགས་པོ་ཆུང་ཆུང་ཚོར་གཤིས་རྒྱུད་ཡག་པོ་ཞིག་ཆགས་པའི་ཆེད་དུ་བྱིས་རྩོམ“རུས་སྦལ་དང་གསེར་ཉ”ཞེས་པ་བཀོད་སྒྲིག་བྱས་ཡོད།
བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཞག་འདུག་སློབ་ཆུང་གི་སྐར་ཆུང་ཚན་སྡེབ་སྟེ་སློབ་གྲོགས་ཆུང་ཆུང་མགོན་པོ་བཀྲ་ཤིས། ཀླུ་མོ་ཚེ་རིང་། སྐལ་བཟང་སྒྲོལ་མ་བཅས་ཀྱི་མཉམ་པར།
གྱེར་འདོན་པ་ཆུང་ཆུང་སྐར་ཆུང་དང་མགོན་པོ་བཀྲ་ཤིས། ཀླུ་མོ་ཚེ་རིང་། སྐལ་བཟང་སྒྲོལ་མ་བཅས་ཀྱི་མཉམ་པར།
བསམ་གཞིག་གི་རྒྱལ་པོ་ཉིའུ་ཏུན་ལགས།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབྱངས་ཅན།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com