ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་ཨ་ཁུ་ཁྲོ་ཐུང་འཕྱི་ཁུང་དུ་འཛུལ་བ་ཞེས་པའི་སྒྲུང་ཚན་པ་ཐུང་ངུ་ཞིག་གོ་སླའི་ངང་བཤད་པ་བརྒྱུད་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བླངས་པའི་སྒྲུང་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཏྰ་རེ་རྒྱལ་གྱིས་བླངས་པའི་དམངས་གླུ་སྙན་མོ་ཞིག་དང་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བླངས་པའི་གླུ་ཤགས་སྐོར་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་དབྱར་གནང་ནི་བསླབ་ཕྱིའི་དཔེ་དེབ་ཀློག་པའི་དུས་ཚོད་ལེགས་ཤོས་ཤིག་ཡིན་པ་དང་དེ་ལ་ཐབས་ཤེས་གང་དག་སྤྱད་ན་ལེགས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ།ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།