ན་ཆུང་བྱིས་པའི་དགའ་ཚལ།༼ང་དང་བེའུ་ཁྲ་རིས།༽
2021.07.29 ཁུངས། ཀློག་གྲངས། 477

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད།ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཡེ་ཤེས་ལྷ་མོར་སྐུད་ལམ་སྦྲེལ་ནས་མོའི་དབྱར་གནང་གུང་གསེང་གི་འཚོ་བའི་ཐད་ནས་ལབ་གླེང་དང་གཞན་སྐུད་ལམ་ནས་གཏམ་རྒྱུད་དང་བཤད་པ་སོགས་བཤད་ནས་གཏམ་སྨྲ་ལྕེའི་ཐད་ཀྱི་འཇོན་ཐང་ངོམ་པར་བྱས་ཡོད།

༢   ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་བླངས་པའི་གླུ་ཤགས་ཚན་པ་འགའ་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་ང་དང་བེའུ་ཁྲ་རིས་ཞེས་པའི་རྩོམ་ཐུང་ལེགས་པོ་ཞིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད།

བུ་མོ་ཆུང་ཆུང་ཡེ་ཤེས་ལྷ་མོ་ནི་ད་ལོ་ལོ་དྲུག་རེད།ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མཁར་ལྷོ་བྱིས་སྐྱོང་ཁང་གི་འཛིན་གྲྭ་བར་མའི་སློབ་མ་རེད།    མོ་རང་ནི་རི་མོ་དང་བཤད་པ།   གནའ་གཏམ་སོགས་ཀྱི་རིག་རྩལ་བྱ་འགུལ་སྣ་མང་ལ་དགའ་ཞེན་ཆེ་བའི་རྩྭ་ཐང་གི་མེ་ཏོག་རྐང་གཅིག་རེད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།