ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད།ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བུ་དགའ་བ་འབུམ་གྱིས་རྟ་བཏུལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་ཤེས་བྱ་ཡོད་ཚད་དཔེ་དེབ་ཏུ་ཡོད་པས་མ་ཁྱབ་ཞེས་པའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲོགས་གཉིས་ཀྱིས་བཤད་པའི་གནའ་གཏམ་ཡང་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཕ་གིའི་རི་དང་ཚུར་ཁའི་རི་ཞེས་པའི་དམངས་གླུ་ཞིག་དང་བུ་མོ་ང་ལ་ཡོད་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ངེད་ཚང་གི་རྟ་ཁམ་ནག་ཞེས་པའི་བྱིས་རྩོམ་ལེགས་པོ་ཞིག་ཀྱང་ཀློག་འདོན་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།