ན་ཆུང་བྱིས་པའི་དགའ་ཚལ། སྲ་ཞིང་མཁྲེགས་པའི་སོ།
2021.08.06 ཁུངས། ཀློག་གྲངས། 38

【ཅོ་ཀའི་དྲུག་འགྱུར】ནང་དུ《མི་རིགས་ཀྱི་རེ་བ》ཞེས་པའི་བྱིས་གླུ་ཞིག་དང《ཕུགས་འདུན》ཞེས་པའི་རྡུང་ལེན་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པར་ཞུགས་པའི་ཀོས་ནན་རྫོང་མགོ་མང་གྲོང་རྡལ་བཅའ་སྡོད་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་ཚོས་བཤད་པའི་གནའ་གཏམ་ཁག་གཉིས་པ་དང་འཛམ་གླིང་གི་རིས་སྒྲུང་གྲགས་ཅན《སྲ་ཞིང་མཁྲེགས་པའི་སོ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་གཏམ་རྒྱུད་ལས“ཧྥ་རན་སེའི་མིང་དུ་གྲགས་པའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་པའི་རྩོམ་པ་པོ་ལུའོ་མན་ལུའོ་ལན”ལགས་ངོ་སྤྲོད་བྱེད་རྒྱུ་ཡིན། གྲོགས་པོ་ཆུང་ཆུང་ཚོར་གཤིས་རྒྱུད་ཡག་པོ་ཞིག་ཆགས་པའི་ཆེད་དུ་བྱིས་རྩོམ“ཉི་ཧོང་གི་ཨ་མ་ཞིག་གིས་བཞག་པའི་བྱིས་པའི་སྒྲིག་ལམ་བཅུ”ཞེས་པ་བཀོད་སྒྲིག་བྱས་ཡོད།

ཧྥ་རན་སེའི་མིང་དུ་གྲགས་པའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་པའི་རྩོམ་པ་པོ་ལུའོ་མན་ལུའོ་ལན་ལགས།

འཛམ་གླིང་གི་རིས་སྒྲུང་གྲགས་ཅན《སྲ་ཞིང་མཁྲེགས་པའི་སོ》ཞེས་པའི་བར་བཅུག་རི་མོ།

ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པར་ཞུགས་པའི་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་ཚོའི་མཉམ་པར།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་པ། བསམ་འགྲུབ་མཚོ།

རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 15202581289

སྐད་འཕྲིན། boyutb

ཡིག་ཟམ། 824136958@qq.com