ན་ཆུང་བྱིས་པའི་དགའ་ཚལ། དྲེད་ཕྲུག་རྒྱ་རིལ་དང་རི་ཕྲུག་ཁ་ཤོ
2021.09.08 ཁུངས། ཀློག་གྲངས། 1814

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར་གྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།

༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བཀྲ་ཤིས་འཚོས་བཤད་པའི་དྲེད་ཕྲུག་རྒྱ་རིལ་དང་དང་རི་ཕྲུག་ཁ་ཤོ  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།

༢   ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་རྩེ་གཞུང་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་གྲྭའི་སློབ་གྲོགས་ཤ་བོ་སྒྲོལ་མས་བླངས་པའི་གླུ་ངག་གི་མཆོད་པ་ཞེས་པའི་བྱིས་གླུ་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད་ལ་མོ་དང་ཁ་པར་གྱི་སྐུད་ལམ་སྦྲེལ་ནས་ཁ་བརྡ་ཐུང་ངུ་ཞིག་ཀྱང་བྱས་ཡོད།

ཁོ་མོའི་མིང་ལ་ཤ་བོ་སྒྲོལ་མ་ཟེར། ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་འབའ་ཐང་ཕྱུགས་རྭ་སྡེ་བའི་ཡིན་ལ། རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་རྩེ་གཞུང་དཀྱིལ་སྙིང་བཅའ་སྡོད་ཆ་ཚང་སློབ་གྲྭའི་ལོ་རིམ་ལྔ་བའི་སློབ་མ་ཞིག་རེད། དགའ་ཕྱོགས་གཙོ་བོ་གླུ་དབྱངས་ལེན་རྒྱུ་དང་ཞབས་བྲོ་འཁྲབ་རྒྱུ་དེ་རེད།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།