ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད།ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་དགེ་རྒན་དུས་ཆེན་ནི་ཇི་ལྟར་བྱུང་བའི་གོ་རིམ་ཐུང་ངུ་ཞིག་དང་རྒྱལ་ཁབ་གཞན་གྱི་དགེ་རྒན་བཀུར་ལུགས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱེད་པ།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་དྲིན་ལྡན་གསེར་གྱི་ཉི་མ་ཞེས་པའི་དགེ་རྒན་ལ་ཕུལ་བའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད་ལ། གཞན་གྲོགས་པོ་ཆུང་ཆུང་ཚོས་དྲ་ལམ་དང་ཁ་པར་སྐུད་ལམ་ནས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཚིག་འབུལ་བ།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དགེ་རྒན་དྲན་པ་ཞེས་པའི་རྩོམ་ཐུང་ཞིག་ཀློག་འདོན་དང་དགེ་རྒན་ཚོ་ཞེས་པའི་ཁ་ཤགས་ཞིག སློབ་གྲོགས་ཆུང་ཆུང་ཀླུ་མོ་སྒྲོལ་མས་དགེ་རྒན་དུས་ཆེན་ལ་ཕུལ་བའི་རྩོམ་ཐུང་གྱེར་འདོན་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།