ན་ཆུང་བྱིས་པའི་དགའ་ཚལ། མི་ཚེའི་སྟེང་ཆེས་གལ་ཆེ་བའི་ཉིན་མོ།
2021.09.17 ཁུངས། ཀློག་གྲངས། 46

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།

༡  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་རི་མོ་བསླབ་རྒྱུར་དགའ་བའི་བུ་ཆུང་ ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་པ་བརྒྱུད་བྱིས་པའི་རང་སྟོབས་ཀྱི་ནུས་པ་བསྐྱེད་སྲིང་བྱ་དགོས་པའི་ཐད་ཀྱི་གནས་ལུགས་ཐུང་ངུ་ཙམ་བཤད་པ།  གཞན་སློབ་གྲོགས་བན་དེ་ཚེ་རིང་གིས་བཤད་པའི་ཤིང་སྡོང་གི་གཏམ་རྒྱུད་ཅེས་པ་བཀོད་སྒྲིག་བྱས་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རྡོ་རྗེ་འཚོ་སྐྱིད་ཀྱིས་བླངས་པའི་ཨ་བོ་བྱེའུ་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།