ན་ཆུང་བྱིས་པའི་དགའ་ཚལ། རུས་སྦལ་དང་སྤྲེའུས་སྡོང་བོ་བགོ་བྱ་བརྒྱབ་པ།
2021.09.29 ཁུངས། ཀློག་གྲངས། 132

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད།ཅོ་ཀའི་དྲུག་འགྱུར་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།

༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་བཅའ་སྡོད་སློབ་ཆུང་གིས་སྤེལ་བའི་སྤྱི་སྐད་གཙང་མས་རླབས་ཆེན་བྱ་བཞག་དབྱངས་སུ་གྱེར་ཞེས་པའི་བྱ་འགུལ་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་ཞིག་གིས་སྐུད་ལམ་ནས་སྙན་རྩོམ་གྱེར་ཀློག་བྱེད་པ།གཞན་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་རུས་སྦལ་དང་སྤྲེའུས་སྡོང་བོ་བགོ་བྱ་བརྒྱབ་པ་ཞེས་པའི་བྱིས་སྒྲུང་གྲགས་ཅན་ཞིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་བཤད་ཡོད།

༢   ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རྩེད་གྲོགས་ཆུང་ཆུང་དང་མེ་ཏོག་གངས་ལྷ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།