ན་ཆུང་བྱིས་པའི་དགའ་ཚལ། བྱིས་པ་དཔེ་ཀློག་ལ་གོམས་པར་བྱེད་པའི་ཐབས་ཤེས་འགའ།
2021.10.06 ཁུངས། ཀློག་གྲངས། 62

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད།ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་སྤྱང་ཀིའི་མཆེ་བ་དབལ་བ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཅིག་དང་ཚོང་བ་དང་ནེ་ཙོ་ཞེས་པའི་འཛམ་གླིང་བྱིས་སྒྲུང་གྲགས་ཅན་ཞིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱེད་པ།

༢   ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཡག་བྱུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད།

༣  རིག་པའི་སྐར་ཁུང་གི་ནང་དུ་ཆུང་ངུའི་དུས་ནས་བྱིས་པ་དཔེ་ཀློག་ལ་གོམས་པར་བྱེད་པའི་ཐབས་ཤེས་འགའ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་བཤད་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།