ན་ཆུང་བྱིས་པའི་དགའ་ཚལ། དུང་སོ་དཀར་མོ།
2021.10.15 ཁུངས། ཀློག་གྲངས། 168

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།

 ཅོ་ཀའི་དྲུག་འགྱུར་གྱི་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་གསུམ་གྱིས་དམངས་གླུ་དང་གླུ་དབྱངས་སོགས་བླངས་ནས་རང་རང་གི་གླུ་ངག་གི་འཇོན་ཐང་ངོམ་ཡོད།

༢  ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་སློབ་གྲོགས་ཆུང་ཆུང་བླ་མ་དོན་གྲུབ་ཀྱིས་ཐད་གཏོང་གི་ཁ་པར་སྐུད་ལམ་ནས་རྒྱལ་བོ་ཧེབ་ལུ་ཁ་ཞེས་པའི་གཏམ་རྒྱུད་ཅིག་བཤད་ཡོད།

 ༣  རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོའི་སོ་ཡི་བདེ་ཐང་འཕྲོད་བསྟེན་དང་འབྲེལ་ནས་དུང་སོ་དཀར་མོ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོ།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།