
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད།རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་ཕག་མོ་བདེ་སྐྱིད་ཀྱིས་ནད་ཡམས་འགོག་བཅོས་ཁྲོད་རང་གི་ཡོད་ཚད་འབུལ་བཞིན་པའི་ལས་བྱེད་མི་སྣ་དག་ལ་བླངས་བའི་བརྩེ་བ་དམར་པོ་ཞེས་པའི་གླུ་དབྱངས་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་གླང་ཆེན་དང་ཙི་གུ་ཆུང་ཆུང་ཞེས་པའི་ཕྱི་གླིང་གི་དམངས་ཁྲོད་གཏམ་རྒྱུད་གྲགས་ཅན་ཞིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་གཅེས་ཕྲུག་དཔེ་ཀློག་ལ་གོམས་ཐབས་དྲུག་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

ང་ཚོ་ནི་མཐུན་སྒྲིལ་གྱི་གོང་བུ་གཅིག་ཡིན།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ།དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།