ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་རིམས་འགོག་ཤེས་བྱ་དང་འབྲེལ་ནས་ཁ་ཐུམ་ཆུང་ཆུང་ལ་ནུས་བ་ཆེན་པོ་ལྡན་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཨ་ཁུ་ཉི་མ་ཞེས་པ་དང་ཨ་རྩེད་ད་རྩེད་ཞེས་པའི་བྱིས་གླུ་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་ཁག་ཅིག་བཀོད་སྒྲིག་བྱས་ཡོད།
རང་གཞན་གཉིས་ཀྱི་ཆེད་དུ་རང་ཉིད་ལ་འགོག་སྲུང་ལེགས་པོ་བྱ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།