ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གོས་དཀར་གྱོན་པའི་ལྷ་ཚོགས་ཞེས་པའི་བྱིས་གླུ་སྙན་མོ་ཞིག་རིམ་འགོག་ལས་རྐང་དང་པོ་ན་ཀུན་གྱི་བདེ་ཐང་གི་ཆེད་དུ་རང་གི་ནུས་ཤུགས་ཡོད་ཚད་འདོན་དང་འདོན་བཞིན་པའི་ལས་མི་ཡོངས་ལ་གུས་འདུད་ཀྱི་ཚུལ་དུ་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་ཁག་ཅིག་དང་ཕྱི་གླིང་དམངས་ཁྲོད་གཏམ་རྒྱུད་ལས་མེ་ཏོག་གི་གཞོང་བ་སྟོང་བ་འཛིན་པའི་བྱིས་པ་ཆུང་ཆུང་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ཇི་ལྟར་ཚད་དང་ལྡན་པའི་སྒོ་ནས་ཁ་ཐུམ་རྒྱག་དགོས་ཞེས་པའི་རིམས་འགོག་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
ལག་པ་གཙང་མར་བཀྲུ
ཁ་ཐུམ་ལེགས་པོར་རྒྱག
རང་སྲུང་གོ་ཆ་ཡིན།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།