【ཅོ་ཀའི་དྲུག་འགྱུར】ནང་དུ《ཨ་ཁུ་ཉི་མ》ཞེས་པའི་བྱིས་གླུ་ཞིག་དང་《སེམས་དཀར་ཁ་ཏ》ཞེས་པའི་རྡུང་ལེན་ཞིག་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར་སྐབས་གཉིས་པར་ཞུགས་པའི་སློབ་གྲོགས་ཕུལ་བྱུང་སྐོར་ཞིག་གི་གནའ་གཏམ་དང་བོད་ཀྱི་ལེགས་བཤད་་གཏམ་རྒྱུད་གྲགས་ཅན《ཝ་སྐྱེས་རྒྱལ་པོར་བསྐོས་པ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད། དེ་མིན་ཁ་ཤགས་སློབ་ཁྲིད་ཅེས་པ་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་གཏམ་རྒྱུད་ལས“རོལ་མོའི་གནས་ལ་རིག་པའི་ཀློང་བརྡོལ་བ་མོ་དྲ་ཐེ”ལགས་ངོ་སྤྲོད་བྱེད་རྒྱུ་ཡིན། གྲོགས་པོ་ཆུང་ཆུང་ཚོའི་བདེ་ཐང་གི་ཆེད་དུ་པྲོག་གསར་ནད་དུག་གི་་རྒྱུན་ཤེས་འགའ་བཀོད་སྒྲིག་བྱས་ཡོད།
རོལ་མོའི་གནས་ལ་རིག་པའི་ཀློང་བརྡོལ་བ་མོ་དྲ་ཐེ་ལགས།
བོད་ཀྱི་ལེགས་བཤད་་གཏམ་རྒྱུད་གྲགས་ཅན《ཝ་སྐྱེས་རྒྱལ་པོར་བསྐོས་པ》ཞེས་པའི་བར་བཅུག་རི་མོ།
མཛུབ་མོ་ལྔ་བོར་རིང་ཐུང་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། བསམ་འགྲུབ་མཚོ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
【མཚོ་སྔོན་བོད་སྐད་རླུང་འཕྲིན་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་གྱི་ཅོ་ཀའི་དྲུག་འགྱུར་རྟགས་མའི་བྱིས་པའི་གླུ་ཚིག་འགྲན་བསྡུར། འགྲན་ཞུགས་པའི་བརྩམས་ཆོས་བསྐུར་སའི་ཡིག་ཟམ། 824136958@qq.com】