ན་ཆུང་བྱིས་པའི་དགའ་ཚལ། གཞན་རྒྱུར་སྲེད་ན་རང་རྒྱུ་ཡལ།
2021.11.15 ཁུངས། ཀློག་གྲངས། 87

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཀླུ་མོ་ཡག་གིས་བླངས་པའི་རིམས་འགོག་བྱིས་གླུ་ཞེས་པའི་བྱིས་གླུ་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད་ལ། དེ་དང་མཉམ་དུ་མོར་སྐུད་ལམ་སྦྲེལ་ནས་ཁོ་མོས་ན་ཆུང་གྲོགས་པོ་ཚོར་རིམས་ནད་འགོག་སྲུང་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།

༢   ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གཞན་རྒྱུར་སྲེད་ན་རང་རྒྱུ་ཡལ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་བརྒྱུད་ནས་བོད་ཀྱི་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་གཏམ་རྒྱུད་ཁག་བཅས་བཀོད་སྒྲིག་བྱས་ཡོད།

གཞས་མ་ཆུང་ཆུང་ཀླུ་མོ་ཡག་ནི་ཕ་ཡུལ་འབའ་རྫོང་གི་ཡིན་ཞིང་ད་ལྟ་ལོ་བཅུ་གཅིག་ཡིན་ལ། ཆུང་ངུའི་དུས་ནས་གླུ་གཞས་ཐད་ལ་ལྷན་སྐྱེས་སུ་བག་ཆགས་ཟབ་པའི་སློབ་མ་ཆུང་ཆུང་ཞིག་ཡིན།མོས་ད་ལྟའི་དབར་བླངས་པའི་གླུ་གཞས་བརྩམས་ཆོས་ལ་ང་ཡི་རྫོང་རུ་སློབ་ཆུང་དང་།བོད་པའི་བུ་མོ། འབའ་ཡུལ་ཕྱུག་མོ།བརྩེ་ལྡན་ཨ་མ། ཨ་ཁུ་ཉི་མ། དཔྱིད་དཔལ་བསུ་བའི་མཆོད་པ། བོད་གངས་ཅན་ཕྱུག་མོ་གླུ་ཡིས་བསྟོད་སོགས་ཡོད།


                                              རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289

སྐད་འཕྲིན། boyutb

【མཚོ་སྔོན་བོད་སྐད་རླུང་འཕྲིན་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་གྱི་ཅོ་ཀའི་དྲུག་འགྱུར་རྟགས་མའི་བྱིས་པའི་གླུ་ཚིག་འགྲན་བསྡུར། འགྲན་ཞུགས་པའི་བརྩམས་ཆོས་བསྐུར་སའི་ཡིག་ཟམ། 824136958@qq.com】