ན་ཆུང་བྱིས་པའི་དགའ་ཚལ། ཨ་ཕ་ལགས། ཅིའི་ཕྱིར་སློབ་གྲྭར་འགྲོ་དགོས།
2021.11.19 ཁུངས། ཀློག་གྲངས། 75

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཕུན་ཚོགས་ལྷ་མོས་བླངས་པའི་ན་ཆུང་ཞེས་པའི་བྱིས་གླུ་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད་ལ། དེ་དང་མཉམ་དུ་མོར་སྐུད་ལམ་སྦྲེལ་ནས་མོ་དང་ཁ་བརྡ་ཐུང་ངུ་ཞིག་བྱས་ཡོད།

༢   ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་ཁག་ཅིག་བཀོད་སྒྲིག་བྱས།

༣ རིག་པའི་སྐར་ཁུང་གི་ནང་དུ་ཨ་ཕ་ལགས། ཅིའི་ཕྱིར་སློབ་གྲྭར་འགྲོ་དགོས་ཞེས་པའི་བསྒྱུར་རྩོམ་ཞིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད།

ཁོ་མོའི་མིང་ལ་ཕུན་ཚོགས་ལྷ་མོ་ཟེར། ཐུན་ཏེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་ཞིང་། མོའི་དགའ་ཕྱོགས་གཙོ་བོ་ནི་སློབ་སྦྱོང་དང་རི་མོ་འབྲི་རྒྱུ་ལས་གཞན་གླུ་གཞས་ལེན་རྒྱུར་ལྷག་པར་སྤྲོ།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།


གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289

སྐད་འཕྲིན། boyutb

【མཚོ་སྔོན་བོད་སྐད་རླུང་འཕྲིན་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་གྱི་ཅོ་ཀའི་དྲུག་འགྱུར་རྟགས་མའི་བྱིས་པའི་གླུ་ཚིག་འགྲན་བསྡུར། འགྲན་ཞུགས་པའི་བརྩམས་ཆོས་བསྐུར་སའི་ཡིག་ཟམ། 824136958@qq.com】