ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རྩེད་གྲོགས་ཆུང་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་སློབ་གྲོགས་ཆུང་ཆུང་གངས་ལྷ་གཡང་འཛོམས་ནས་གྲོགས་པོ་ཆུང་ཆུང་ཚོར་གུང་གསེང་གི་ལེགས་སྐྱེས་ཀྱི་ཚུལ་དུ་བསྐུར་ཡོང་བའི་མགུར་གླུ་དང་ལེགས་བཤད་སོགས་བཀོད་སྒྲིག་བྱས་ཡོད །
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་འཛམ་གླིང་བྱིས་སྒྲུང་གྲགས་ཅན་རྒྱལ་སྲས་སྦལ་བ་ཞེས་པ་སློབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད།
དཔེ་ཀློག་ལ་མོས་པའི་སློབ་གྲོགས་ཆུང་ཆུང་གངས་ལྷ་གཡང་འཛོམས།
རྒྱལ་སྲས་སྦལ་བ་དང་སྲས་མོ་ཆུང་ཆུང་།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289
སྐད་འཕྲིན། boyutb