ན་ཆུང་བྱིས་པའི་དགའ་ཚལ། བྱིས་གླུ་སྙན་མོ་གཉིས་དང་རིས་སྒྲུང་གྲགས་ཅན་ཞིག
2021.12.10 ཁུངས། ཀློག་གྲངས། 130

【ཅོ་ཀའི་དྲུག་འགྱུར】ནང་དུ་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སོག་རུ་བོད་ཡིག་བཅའ་སྡོད་དཀྱིལ་སྙིང་སློབ་ཆུང་གི་གཞས་མ་ཆུང་ཆུང་མེ་ཏོག་མཚོ་མོས་བླངས་པའི་བྱིས་གླུ《རེ་བའི་བུ་མོ》ཞེས་པ་དང་སེང་ལྕམ་འབྲུག་མོའི་ཚན་སྡེབ་ཀྱིས་བླངས་པའི་བྱིས་གླུ《དུང་གི་ཟླ་བ》ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད། 

【ཐོས་པ་དགའ་སྐྱེད】ནང་དུ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གིས་སྤེལ་བའི་ཡ་རབས་ཀུན་སྤྱོད་སློབ་གསོ་ཆུང་དུས་ནས་གོམས་གཤིས་སུ་ཆགས་དགོས་པའི་ལྗོངས་རྣམ་ཟློས་གར་འགྲན་སྡུར’ཞེས་པ་ལས་ཁག་གསུམ་པ་དང་འཛམ་གླིང་གི་རིས་སྒྲུང་གྲགས་ཅན《གཡག་དགོ་ལུ》ཞེས་པ།  དེ་མིན་གྲོགས་མོ་ཆུང་ཆུང་ལྷ་མོ་གཡང་སྒྲོན་གྱིས་བཤད་པའི་ཁ་ཤགས་ཚོགས་གཏམ་ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་གཏམ་རྒྱུད་ལས་འཕེལ་འགྱུར་སྨྲ་བའི་གསར་གཏོད་པ་ཏར་ཝུན”ལགས་ངོ་སྤྲོད་བྱེད་རྒྱུ་ཡིན།

འཕེལ་འགྱུར་སྨྲ་བའི་གསར་གཏོད་པ་ཏར་ཝུན་ལགས།

འཛམ་གླིང་གི་རིས་སྒྲུང་གྲགས་ཅན《གཡག་དགོ་ལུ》ཞེས་པའི་བར་བཅུག་རི་མོ།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་པ། བློ་བཟང་།

རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།

ལྟ་སྐུལ་པ། དབྱངས་ཅན།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 15202581289

སྐད་འཕྲིན། boyutb