ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་བུ་ཆུང་ང་རང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་བཀོད་སྒྲིག་བྱས་ཡོད །
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་ནས་འབྱོར་བའི་རྡོ་རྗེ་ལྕེ་ཐོག་ཞེས་པའི་གཏམ་དཔེ་འགྲན་བསྡུར་གྱི་སྒྲ་ཆ་ཤས་ཤིག་བཀོད་སྒྲིག་བྱས་ཡོད་ལ། དེ་དང་མཉམ་དུ་སློབ་གྲྭ་འདི་གའི་ཏང་ཀྲི་པུའུ་ཧྲུའུ་ཅི། སློབ་གཙོ་རྒྱ་ཕྲུག་ལགས་ཀྱིས་ཐད་གཏོང་སྐུད་ལམ་ནས་གྲོགས་པོ་ཆུང་ཆུང་ཚོས་གཏམ་དཔེ་ཤེས་པའི་དགོས་པ་དང་ཇི་ལྟར་གཏམ་དཔེ་སློབ་པའི་ཐབས་ཤེས་ཀྱི་ཐད་ནས་ཁ་བརྡ་ཐུང་ངུ་ཞིག་བྱེད་པ།
༣ རིག་པའི་སྐར་ཁུང་གི་ནང་དུ་ཁྱིམ་བདག་ཚོ་དང་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་བྱིས་པའི་རང་གཤིས་དང་འཇོན་ཐང་ནི་སྐྱེས་ཐོབ་ཡིན་ནམ་རྗེས་ཐོབ་ཡིན་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཁ་བརྡ་ཐུང་ངུ་ཞིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289
སྐད་འཕྲིན། boyutb