ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཀླུ་མོ་ཡག་གིས་བླངས་པའི་གངས་ཅན་བསྟོད་གླུ་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད །
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཕྱུག་པོའི་བུ་དང་དབུལ་བོའི་བུ་ཞེས་པའི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཅིག་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་གསུམ་གྱིས་བཤད་པའི་གནའ་གཏམ་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ང་ཚོས་བྱིས་པས་དྲི་བ་འདྲི་བར་སྐུལ་མ་གཏོང་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་ཁྱིམ་བདག་ཚོ་དང་བསམ་ཚུལ་བརྗ་རེས་ཀྱི་ཚུལ་དུ་བཀོད་སྒྲིག་བྱས་ཡོད།
རང་ལ་དགོས་པའི་ཡོན་ཏན་དེ།།
ཉི་མ་རེ་ལ་ཚིག་རེ་ཟུངས།།
གང་ཞིག་ཉིན་བརྒྱ་སོང་བ་ན།།
ཚིག་བརྒྱ་མ་ལུས་ཁོང་དུ་ཆུད།།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289