【ཅོ་ཀའི་དྲུག་འགྱུར】ནང་དུ་གཞས་མ་ཆུང་ཆུང་སྙིང་མོ་སྒྲོལ་མའི་བྱིས་གླུ་དྲུག་གཅིག་བྱིས་པའི་དུས་ཆེན་ཞེས་པ་དང་རྟ་མགྲིན་རྡོ་རྗེ་ཡིས་བླངས་པའི་རྡུང་ལེན་སེམས་ཀྱི་གཏན་ས་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་སྒྱུ་འཕྲུལ་གཏམ་རྒྱུད《སེམས་དཀར་དང་སེམས་ནག》ཅེས་པ་དང་འདྲེ་རྐང་ཏོ་ཞེས་པའི་ཁ་ཤགས་ཤིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་སྐྱེས་ཆེན་གཏམ་རྒྱུད་ལས་ཚོང་དཔོན་ནོར་བུ་བཟང་བོ་ལགས་ངོ་སྤྲོད་བྱས་ཡོད། དེ་མིན་བྱིས་པའི་སློབ་གསོ་གླེང་བའི་གཏམ་ཞེས་པ་ལས་བྱིས་པའི་སློབ་གསོ་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་ཁག་བདུན་པ་དང་འཚོ་བའི་བདེ་ཐང་ཤེས་བྱ་ལས་བྱིས་པ་ངུ་བརྒྱལ་དུ་སོང་བ་མྱུར་སྐྱོབ་བྱེད་ཐབས་ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།
མིང་དུ་གྲགས་པའི་ཚོང་དཔོན་ནོར་བུ་བཟང་བོ།
སྒྱུ་འཕྲུལ་གཏམ་རྒྱུད《སེམས་དཀར་དང་སེམས་ནག》ཅེས་པའི་བར་བཅུག་རི་མོ།
གཞས་མ་ཆུང་ཆུང་སྙིང་མོ་སྒྲོལ་མ།
རྩོམ་སྒྲིག་པ། བཤད་སྒྲུབ།(དངོས་སྦྱོང་།)
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབྱངས་ཅན།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb