ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་དགུན་གནང་སྐབས་སུ་རང་ཁྱིམ་ནས་སློབ་སྦྱོང་བྱེད་པར་ཐབས་ཤེས་གང་དག་ཡོད་ཅེས་པའི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ནོར་བུ་གླིང་ཀ་ཞེས་པའི་བྱིས་གླུ་ཞིག་དང་དམངས་གླུ་སྙན་མོ་འགའ་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་བོད་ཀྱི་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་དྲེད་ཕྲུག་རྒྱ་རིལ་དང་རི་ཕྲུག་ཁ་ཤོ་ཞེས་པའི་གཏམ་རྒྱུད་ཅིག་ཀྱང་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289