ན་ཆུང་བྱིས་པའི་དགའ་ཚལ། སྐྲ་སྟོན་དཔྱིད་ཀྱི་མེ་ཏོག
2022.02.23 ཁུངས། ཀློག་གྲངས། 135

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་མོ་ཆུང་ཆུང་ཀླུ་མོ་ཚེ་རིང་གིས་བཤད་པའི་བཀྲ་ཤིས་སྨོན་ཚིག་དང་ཆོས་འཛིན་མེ་ཏོག་གིས་བླངས་པའི་བྱིས་གླུ་ལོ་སར་བཟང་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་ཁྲི་ཀ་རྫོང་ཨ་མའི་ནོར་བུ་བྱིས་སྐྱོང་ཁང་དང་བདེ་སྐྱིད་མེ་ཏོག་བྱིས་སྐྱོང་གཉིས་ཀྱིས་མཉམ་དུ་སྤེལ་བའི《སྐྲ་སྟོན་དཔྱིད་ཀྱི་མེ་ཏོག》ཅེས་པ་བཀོད་སྒྲིག་བྱས་ཡོད། ཚན་པ་འདིའི་ནང་དུ་ས་གནས་ཀྱི་སྲོལ་བཟང་རྒྱུད་འཛིན་བྱེད་པ་དང་བྱིས་པའི་རིག་སྟོབས་ནུས་པ་མཐོར་འདེགས་གཏོང་བ།  དེ་མིན་བྱིས་པའི་འཇོན་ཐང་བསྔོག་འདོན་བྱེད་པ་བཅས་དམིགས་སུ་བཟུང་ནས་བཤད་པ་དང་གླུ་ཤགས།  གཏམ་དཔེ་སོགས་བཀོད་སྒྲིག་བྱས་ཡོད།

བྱ་རྒོད་པོ་ཞིག་ལ་ཅི་ཚང།  བྱིའུ་ཞར་མ་ཞིག་ལ་དེ་ཚང་།

ལྷ་དར་ལག་ལ་བཟུང་ཡོད། སྨོན་ཚིག་ཁ་རུ་བསྒྲོན་ཡོད།

བཟའ་བ་རི་རབ་རེད། བཏུང་བ་རྒྱ་མཚོ་རེད།

གཙང་ཆབ་སྔོན་མོས་ཁྲུས་བྱས་ཡོད།  གོས་ཆེན་འབྲུག་མའི་ཕྱོར་བྱས་ཡོད།

ཀ་ཁ་སུམ་ཅུ་ཆོས་ཀྱི་སྒོ་ཡིན།  ཀུ་རེ་རྩེད་མོ་གཏམ་གྱི་སྒོ་ཡིན།

དཀར་ཡོལ་འབྲུག་མའི་ནང་ལ།  བདུད་རྩི་བསིལ་མ་བླུགས་ཡོད།

ཁ་བཏགས་པོའི་ངོས་ལ། གཡུང་དྲུང་རི་མོ་ཕབ་ཡོད།

གཞས་མ་ཆུང་ཆུང་ཀླུ་མོ་ཚེ་རིང་།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་པ། བསམ་འགྲུབ་མཚོ།

རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 15202581289

སྐད་འཕྲིན། boyutb

ཡིག་ཟམ། 824136958@qq.com