མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་གྱི་ལོ་སར་ཆེད་སྒྲིག་ལེ་ཚན《དྲིན་གྱིས་བསྐྱངས་པའི་རྨི་ལམ》ཞེས་པའི་ནང་དུ་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་སྐོར་ཞིག་སྐུད་ལམ་གཅིག་ཏུ་འཛོམས་ནས་བོད་མདོ་དབུས་ཁམས་གསུམ་གྱི་ན་ཆུང་གཅེས་གྲོགས་ཚོ་གཙོ་བྱས་ཏེ་ཁ་བ་རི་བོའི་ལྗོངས་ཀྱི་གསན་མཁན་གྲོགས་པོ་ཡོངས་ལ་གནམ་ལོ་གསར་བའི་ལེགས་སྐྱེས་སུ་སྙན་མོ་གཞས་དང་མཚར་བའི་གཏམ་སོགས་རིག་རྩལ་གྱ་ནོམ་པ་ཞིག་ཕུལ་ཡོད།
ཐེངས་འདིའི་ལོ་སར་ཆེད་སྒྲིག་ལེ་ཚན་ནང་ཞུགས་པའི་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་དག་གི་མཉམ་པར།
ཞོན་ཧྭ་རྫོང་རྡོ་སྦིས་ས་ཆ་ནས་འཚར་ལོངས་བྱུང་ཞིང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ན་སློབ་སྦྱོང་བྱེད་བཞིན་པའི་གཞས་མ་ཆུང་ཆུང་ཀླུ་མོ་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com