ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་རྒྱལ་ཡོངས་སྡོང་འཛུགས་ནགས་བསྐྲུན་དུས་ཆེན་དང་འབྲེལ་ནས་ནགས་ཚལ་གྱི་དགེ་མཚན་མདོར་བསྡུས་ཤིག་བཤད་པ་བརྒྱུད་ལེ་ཚན་ཐད་གཏོང་གི་སྐུད་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོར་སྦྲེལ་ནས་ཁོ་ཚོ་དང་ལྷན་དུ་སྡོང་འཛུགས་ཤེས་བྱའི་ཐད་ལབ་གླེང་ཐུང་ངུ་ཞིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མེ་ཏོག་ཚན་སྡེབ་ཀྱིས་བླངས་པའི་གཅེས་ཕྲུག་གསུམ་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཆུ་བོ་དང་ཉ་མོ་ཞེས་པའི་གནའ་གཏམ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་ཁྲོད་ཞུགས་པའི་སློབ་གྲོགས་བཟང་མོ་དང་ཐུབ་བསྟན་རྡོ་རྗེ།
ང་ཡི་གསོམ་སྡོང་ཆུང་ཆུང་།
ང་ཚོ་ནི་ཁོར་སྲུང་བ་རེ་རེ་ཡིན།
རྡུང་ལེན་དཀྲོལ་ལེན་ལ་མོས་པའི་སློབ་གྲོགས་ཐུབ་བསྟན་རྡོ་རྗེ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289