ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་རའི་གླུ་མ་ཆུང་ཆུང་སྐལ་བཟང་སྒྲོལ་མས་བླངས་པའི་ང་ནི་གངས་ལྷ་མེ་ཏོག་ཡིན་ཞེས་པའི་གླུ་དབྱངས་ཤིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོས་བླངས་པའི་གེ་སར་སྒྲུང་གླུ་ཚན་པ་ཞིག་བཀོད་སྒྲིག་བྱས་ཡོད། གཞན་རི་བོང་གིས་དྲིན་ལན་འཇལ་བ་ཞེས་པའི་གནའ་གཏམ་ཐུང་ངུ་ཞིག་ཀྱང་བཤད་ཡོད།
གླིང་སྒྲུང་འཁྲབ་སྟོན་བྱེད་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོའི་ཉམས་སྣང་།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289