ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ན་ཆུང་ཚོ་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བདེ་སྲུང་སློབ་གསོའི་ཉིན་མོ་དང་འབྲེལ་ནས་དུག་རྫས་སྔོན་འགོག་དང་བདེ་སྲུང་ཤེས་བྱའི་ཐད་ནས་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་གླིང་གཙོ་བསོད་ནམས་དབང་མོས་སློབ་གྲོགས་ཆུང་ཆུང་ཚོར་སློབ་ཁྲིད་བྱས་པའི་སྒྲ་ཐུང་ངུ་ཞིག་བཏང་ཡོད་ལ། གཞན་ཕུང་རང་བརླག་ཅེས་པའི་གནའ་གཏམ་ཐུང་ངུ་ཞིག་ཀྱང་བཤད་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་གད་མོ་བགད་པ་ཡིས་མིའི་ལུས་ཕུང་བདེ་ཐང་ལ་ཕན་ནུས་ག་འདྲ་ཐོན་བཞིན་ཡོད་ཅེས་པའི་ཤེས་བྱ་ཐུང་ངུ་ཞིག་བཤད་ཡོད།
ཤེས་བྱ་བསླབ་ནས་རང་ཉིད་སྲུང་སྐྱོབ་བྱ།
རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་གླིང་གཙོ་བསོད་ནམས་དབང་མོ།
གླིང་གཙོ་བསོད་ནམས་དབང་མོ་དང་མོའི་སློབ་བུ་ཚོ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289