ན་ཆུང་བྱིས་པའི་དགའ་ཚལ། རྒང་དང་ཨ་བྲ།
2022.04.06 ཁུངས། ཀློག་གྲངས། 104

ཐེངས་འདིའི་ན་ཆུང་བྱིས་པའི་དགའཚལ་ཐད་གཏོང་ནང་རིག་པའི་སྐར་ཁུང་དང་ཐོས་པ་དགའ་སྐྱེད། ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡  རིག་པའི་སྐར་ཁུང་གི་ནང་དུ་ངོ་མཚར་ཆེ་བའི་མིག་ཅེས་པའི་ཤེས་བྱ་ཐུང་ངུ་ཞིག་བཤད་པ་བརྒྱུད་ཆུང་དུས་ནས་མིག་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཤད་ཡོད།

༢  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བོད་པའི་བུ་མོ་ཞེས་པའི་བྱིས་གླུ་ཞིག་བཀོད་སྒྲིག་བྱས་ཡོད།

༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒང་དང་ཨ་བྲ་ཞེས་པའི་གཏམ་རྒྱུད་ཅིག་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་གསུམ་བཅས་བཀོད་སྒྲིག་བྱས་ཡོད

གནའ་གཏམ་བཤད་བཞིན་པའི་སློབ་གྲོགས་ཆུང་ཆུང་།

ལུས་ལ་གཟབ་འཆོར་སྤྲས་པའི་ཉན་མཁན་ཆུང་ཆུང་།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།


གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289