ཉིང་སྐྱུར་བརྟག་དཔྱད་སྐབས་སུ་དོ་སྣང་བྱ་དགོས་པ་དགའ།
【ཅོ་ཀའི་དྲུག་འགྱུར】ནང་དུ《མི་རིགས་ཀྱི་རེ་བ》ཞེས་པ་དང《ཨ་ཅེ་འབུམ་པ》ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ《གྲོང་གསེབ་ཀྱི་ཙི་གུ་དང་གྲོང་རྡལ་གྱི་ཙི་གུ》ཞེས་པའི་རིས་སྒྲུང་ཞིག་དང《དགེ་རྒན་རྣམ་པ》ཞེས་པའི་གར་ཆུང་ཞིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་གི་གྲོང་ཁྱེར་གྲགས་ཅན་ལས“ལྷ་ས་གྲོང་ཁྱེར”ངོ་སྤྲོད་རགས་བསྡུས་ཤིག་དང“བྱིས་པར་སྐུལ་སློང་རྫུན་མ་མ་བྱེད”ཞེས་པ། དེ་མིན་རྩི་ཤིང་དང་སྲོག་ཆགས་ཀྱི་ཤེས་བྱ་ཀུན་བཏུས་ཞེས་པ་ལས“རྟ་ལངས་ནས་གཉིད་པའི་རྒྱུ་མཚན་ཅི་ཡིན”ཞེས་པ་དང“ནོར་གནག་དང་གཡང་དཀར་ལུག་གི་མེས་པོ་གང་ཡིན”ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།
འཛམ་གླིང་གི་གྲོང་ཁྱེར་གྲགས་ཅན་ལས་སྟོད་ཉི་མ་ལྷ་སའི་བཀོད་པ།
རྟ་ལངས་ནས་གཉིད་པའི་རྒྱུ་མཚན་ཅི་ཡིན་ནམ།
འབྲོང་ནི་ནོར་གནག་གི་མེས་པོ་ཡིན།
རི་དྭགས་གཉན་ནི་གཡང་དཀར་ལུག་གི་མེས་པོ་ཡིན།
རིས་སྒྲུང《གྲོང་གསེབ་ཀྱི་ཙི་གུ་དང་གྲོང་རྡལ་གྱི་ཙི་གུ》ཞེས་པའི་བར་བཅུག་རི་མོ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། འཕགས་མོ་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb