ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་ཁ་ཐུམ་ཆུང་ཆུང་ལ་ནུས་པ་ཆེན་པོ་ལྡན་ཞེས་པ་དང་བྱིས་པ་དཔེ་ཀློག་ལ་འཇུག་པའི་ཐབས་ཤེས་འགའ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ན་ཆུང་ཚོ་ཞེས་པའི་གླུ་དབྱངས་ཤིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཤིང་རྟ་མོ་དང་བྱེའུ་འཇོལ་མོ་ཞེས་པའི་གཏམ་རྒྱུད་ཅིག་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་གངས་ལྗོངས་རྩྭ་ཐང་བུ་མོ་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་ཁ་པར་གྱི་སྐུད་ལམ་ནས་རང་གི་སློབ་སྦྱོང་གི་གོ་རིམ་ཁྲོད་བག་ཆགས་ཟབ་པའི་བྱིས་སྒྲུང་དང་དཔེ་ཆ་དག་གྲོགས་པོ་ཆུང་ཆུང་ཚོར་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་ངོ་སྤྲོད་བྱས་ཡོད།
ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་གདུགས་དཀར་སྐྱིད།
ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་སངས་རྒྱས་སྒྲོལ་མ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289