ན་ཆུང་བྱིས་པའི་དགའ་ཚལ། ངལ་རྩོལ་ནི་གཟི་བརྗིད་ཡིན།
2022.05.02 ཁུངས། ཀློག་གྲངས། 19

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡  རིག་པའི་སྐར་ཁུང་གི་ནང་དུ་ལྔ་གཅིག་ངལ་རྩོལ་དུས་ཆེན་ནི་ཇི་ལྟར་བྱུང་བ་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་ངོ་སྤྲོད་བྱས་པ་བརྒྱུད་གྲོགས་པོ་ཆུང་ཆུང་ཚོ་ཡང་ངལ་རྩོལ་ལ་དགའ་བའི་མི་ཞིག་བྱ་དགོས་པའི་ཐད་ཀྱི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།

༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཨ་བོ་བྱེའུ་ཆུང་ཞེས་པའི་གླུ་དབྱངས་ཤིག་དང་ང་ཡི་སྲིང་ཆུང་མ་ཞེས་པའི་རྡུང་ལེན་ཞིག་བཀོད་སྒྲིག་བྱས་ཡོད།

༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བུ་མོ་པད་དཀར་ཉེན་ཁར་འཕྲད་པ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།


གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289