ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་སློབ་གྲོགས་སྐྱ་རེངས་ཀླུ་ཕྱུག་གིས་བྲིས་པའི་རིམས་འགོག་དང་འབྲེལ་བའི་ཀྰ་ལིའི་སྙིང་གཏམ་ཆུན་པོ་ཞེས་པའི་རྩོམ་ཐུང་ཞིག་ཀློག་འདོན་དང་གྲོགས་པོ་ཆུང་ཆུང་ཚོས་ཉིང་སྐྱུར་བརྟག་དཔྱད་སྐབས་སུ་མཉམ་འཇོག་བྱ་དགོས་པའི་རྒྱུན་ཤེས་དོན་ཚན་འགའ་ངོ་སྤྲོད་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་རའི་གཞས་མ་ཆུང་ཆུང་ཀླུ་མོ་ཡག་གིས་བླངས་པའི་རིམས་འགོག་བྱིས་གླུ་ཞེས་པའི་གླུ་དབྱངས་ཤིག་དང་རིག་པའི་གྲོགས་པོ་ཞེས་པའི་རྡུང་ལེན་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཁྱི་རྒན་བཀྲ་ཤིས་དང་ཞི་ལ་དོན་གྲུབ་ཞེས་པའི་གཏམ་རྒྱུད་ཅིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་པ་བརྒྱུད་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་བྱས་ཡོད།
ཐེངས་འདིའི་ལེ་ཚན་ཁྲོད་ཀྱི་རིམས་འགོག་བྱིས་གླུ་ལེན་མཁན་སློབ་རའི་གཞས་མ་ཆུང་ཆུང་ཀླུ་མོ་ཡག
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289