ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོས་དྲ་ངོས་སློབ་ཁྲིད་ལ་ཉན་སྐབས་ཕྱོགས་གང་དག་ལ་མཉམ་འཇོག་བྱ་དགོས་ཞེས་པ་དང་ཟླ་བའི་གོ་ལའི་སྟེང་སྐྱེ་དངོས་ཡོད་དམ་ཞེས་པའི་ཤེས་བྱ་ཐུང་ངུ་གཉིས་ངོ་སྤྲོད་བྱས་ཡོད།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་རའི་གཞས་མ་ཆུང་ཆུང་ཕག་མོ་བདེ་སྐྱིད་ཀྱིས་བླངས་པའི་ང་དང་བྱེའུ་ཆུང་ཆུང་ཞེས་པའི་གླུ་དབྱངས་ཤིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གཡོ་སྒྱུ་ཆེ་བའི་ཝ་མོ་ཞེས་པའི་གཏམ་རྒྱུད་ཅིག་དང་སློབ་གྲོགས་དབང་ཆེན་རྡོ་རྗེ་ཡིས་བཤད་པའི་ང་ཆུང་ཡང་ཁྱེད་ལ་དགོས་མཁོ་ཆེ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289