ན་ཆུང་བྱིས་པའི་དགའ་ཚལ། ང་ཡི་དགའ་ཕྱོགས་དང་ཕུགས་བསམ།
2022.05.21 ཁུངས། ཀློག་གྲངས། 72

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་སྐུད་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིག་རྫོང་སོག་རུ་བཅའ་སྡོད་སློབ་ཆུང་དུ་སྦྲེལ་ཡོད་ལ། ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད་ཀྱི་ཚན་པ་ཆུང་ངུའི་ནང་དུ་སློབ་གྲྭ་འདི་གའི་སློབ་གྲོགས་ཆུང་ཆུང་ཚོས་བསྐུར་ཡོང་བའི་གླུ་དང་གླུ་དབྱངས། གནའ་གཏམ། གཏམ་དཔེ་སོགས་བརྩམས་ཆོས་ཆུང་ཆུང་དག་བཀོད་སྒྲིག་བྱེད་པའི་ཞོར་དུ་ཁོ་ཚོ་དང་ཁ་བརྡ་ཐུང་ངུ་རེ་བྱས་ཡོད།

༢ རིག་པའི་སྐར་ཁུང་གི་ནང་དུ་སློབ་གྲྭ་འདི་གའི་དགའ་ཕྱོགས་འཛིན་གྲྭའི་དགེ་རྒན་བསོད་སྐྱབས་ལགས་ནས་རང་གི་བྱ་བའི་ཉམས་མྱོང་དང་འབྲེལ་ནས་བྱིས་པའི་དགའ་ཕྱོགས་བསྐྱེད་སྲིང་ཐད་ཀྱི་ཁ་བརྡ་ཐུང་ངུ་ཞིག་བྱས་ཡོད།

མཛེས་ཤིང་ལྟ་ན་སྡུག་པའི་གཉན་པོ་གཡུ་རྩེའི་ཡུལ་ལྗོངས་ཀྱི་བཀོད་པ།

གཉན་པོ་གཡུ་རྩེའི་འདབས་རོལ་དུ་ཆགས་པའི་སོག་རུ་བོད་ཡིག་བཅའ་སྡོད་སློབ་ཆུང་།

དགའ་ཕྱོགས་འཛིན་གྲྭའི་དགེ་རྒན་བསོད་སྐྱབས་དང་ཁོང་གི་སློབ་བུ་ཚོ།

སློབ་གྲོགས་ཆུང་ཆུང་ཚོ་འཇུག་པར་སྤྲོ་བའི་གླུ་དབྱངས་སློབ་ཐུན།

སློབ་ཁྲིད་སྟེགས་བུའི་སྟེང་གི་དགེ་རྒན་བསོད་སྐྱབས།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།


གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289