ན་ཆུང་བྱིས་པའི་དགའ་ཚལ། བྱེའུ་བློ་ལྡན།
2022.06.03 ཁུངས། ཀློག་གྲངས། 40

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་གངས་ལྷ་ཕུར་བུ་སྒྲོལ་མས་བླངས་པའི་ཕ་བཟང་གི་བུ་མོ་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་གངས་ཅན་བྱིས་གླུ་ལས་བདམས་པའི་ཨ་མེད་ལ་མེད་དགུ་ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་བྱེའུ་བློ་ལྡན་ཞེས་པའི་གཏམ་རྒྱུད་ཅིག གཞན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་བཅས་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་བྱིས་པ་དཔེ་ཀློག་ལ་འཇུག་པའི་ཐབས་ཤེས་འགའ་ངོ་སྤྲོད་བྱས་ཡོད།

པར་རིས་མཁོ་སྤྲོད་བྱེད་མཁན་ནི་རྨ་ཆེན་རྫོང་སྐྱེ་ཁམས་སྤོ་དམངས་ཁྱེའུ་ཁང་ཡིན།


རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།


གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289