ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རྩེད་རོགས་ཆུང་ཆུང་ཞེས་པ་དང་མཛུབ་གུ་རྩེད་གླུ་ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་རྒྱུན་སྤྱོད་ཀྱི་གཏམ་དཔེ་གསུམ་འོས་སྦྱོར་དང་གཡོ་སྒྱུ་ཆེ་བའི་ཝ་མོ་ཞེས་པའི་བོད་ཀྱི་སྲོག་ཆགས་གཏམ་རྒྱུད་ཅིག བོད་ཀྱི་གློག་བརྙན་སྐད་སྒྱུར་བ་སྐལ་བྷེ་ལགས་ཀྱིས་བཤད་པའི་སྤྲེའུ་པྲ་ཚགས་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་དབྱར་གནང་སྐབས་སུ་དོ་སྣང་བྱ་དགོས་པའི་གྲོགས་པོ་ཆུང་ཆུང་ཚོའི་བདེ་འཇགས་ཤེས་བྱའི་སྐོར་གྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
སྤྲེའུ་པྲ་ཚགས།
གཞུང་ལམ་སྟེང་རྩེད་མོ་རྩེད་མི་རུང་།
ཞོར་ཟས་བག་མེད་དུ་ཟ་མི་རུང་།
ཆུ་རྩེད་བྱ་དུས་བདེ་འཇགས་ལ་གཟབ་དགོས།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289