ན་ཆུང་བྱིས་པའི་དགའ་ཚལ། བྱིས་པའི་སེམས་ནང་གི་ཁྱིམ་ཚང་ཡག་ཤོས་དེ་ཇི་འདྲ་ཞིག་ཡིན་ནམ།
2022.08.22 ཁུངས། ཀློག་གྲངས། 85

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད། 

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རེ་བའི་བུ་མོ་ཞེས་པ་དང་མཉམ་དུ་རྩེད་ཅེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གྲོགས་པོ་ཆུང་ཆུང་འབྲུག་མོ་སྐྱིད་ཀྱིས་བཤད་པའི་སྤྱང་གྲུང་ལྡན་པའི་ལུ་གུ་ཞེས་པའི་གཏམ་རྒྱུད་ཅིག་དང་སློབ་གྲྭར་འགྲོ་ཞེས་པའི་བཞད་གར་ཞིག་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་ཕ་མ་དང་བྱིས་པའི་དབར་གྱི་འབྲེལ་བ་ནི་ཐོག་མར་གྲོགས་པོར་གྱུར་བ་ནས་འགོ་རྩོམ་དགོས་ཞེས་པ་དང་བྱིས་པའི་སེམས་ནང་གི་ཁྱིམ་ཚང་ཡག་ཤོས་ནི་ཇི་འདྲ་ཞིག་ཡིན་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་གཉིས་དང་བྱིས་པས་ལུས་རྩལ་སྦྱོང་བརྡར་བྱས་ན་བཟང་ཆ་མང་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289