ན་ཆུང་བྱིས་པའི་དགའ་ཚལ། བྱིས་པ་དཔེ་ཀློག་ལ་གོམས་པར་བྱེད་པའི་ཐབས་ཤེས།
2022.09.14 ཁུངས། ཀློག་གྲངས། 42

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་དུ་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡  ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བུ་མོ་ཆུང་ཆུང་ཞེས་པ་དང་ཕ་རོལ་གན་ན་སྡོང་བོ་ཞིག་ཅེས་པའི་གླུ་དབྱངས་གཉིས་བཀོད་སྒྲིག་བྱས་ཡོད།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་ཆུང་ཆུང་ཚོས་བཤད་པའི་གཏམ་རྒྱུད་འགའ་བཀོད་སྒྲིག་བྱས་ཡོད་ལ། གཞན་ཁ་རྩོད་ཅེས་པའི་གཏམ་རྒྱུད་ཅིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་ཀློག་འདོན་བྱས་ཡོད།

༣   རིག་པའི་སྐར་ཁུང་གི་ནང་དུ་བྱིས་པ་དཔེ་ཀློག་ལ་གོམས་པར་བྱེད་པའི་ཐབས་ཤེས་འགའ་ངོ་སྤྲོད་བྱས་ཡོད།

དཔེ་ཀློག་བྱེད་བཞིན་པའི་སློབ་བུ་ཆུང་ཆུང་།

ང་ཚོས་མཉམ་དུ་དཔེ་ཀློག་བྱེད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289