ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་དུ་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཐེམ་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བླངས་པའི་གླུ་ཤགས་དང་ཇོ་རི་ཞེས་པའི་གླུ་དབྱངས་ཤིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སྤྱང་ཀིའི་མཆེ་བ་དབལ་བ་ཞེས་པ་དང་བྱེའུ་དྲ་དང་རང་དབང་ཞེས་པའི་གཏམ་རྒྱུད་ཅིག་བསླབ་ཕྱིའི་དཔེ་ཀློག་གི་ཚུལ་དུ་འཁྲབ་བཤད་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་སའི་གོ་ལའི་སྟེང་དུ་ཚེ་སྲོག་འཚོ་གནས་ཐུབ་ལ་ཟླ་བའི་ཕྱི་ངོས་སུ་ཚེ་སྲོག་འཚོ་གནས་མི་ཐུབ་པའི་རྒྱུ་མཚན་ཅི་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་དང་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289