ན་ཆུང་བྱིས་པའི་དགའ་ཚལ། ངའི་བློས་ཐུབ་ཀྱི་གྲོགས་པོ།
2022.10.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 27

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད། 

༡ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ང་རང་ཡ་རབས་བུ་ཞིག་བྱ་ན་འདོད་ཅེས་པ་དང་ནོར་བུ་གླིང་ག་ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།

༢ རིག་པའི་སྐར་ཁུང་གི་ནང་དུ་གྲོགས་པོ་ཆུང་ཆུང་ཚོས་ཀ་ར་སྤྱོད་དྲགས་ན་གནོད་པ་གང་དག་ཡོད་ཅེས་པའི་ཤེས་བྱ་ཐུང་ངུ་ཞིག་དང་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་ངའི་བློས་ཐུབ་ཀྱི་གྲོགས་པོ་ཞེས་པའི་རྩོམ་ཐུང་ཞིག་བརྒྱུད་ནས་ང་ཚོས་དཔེ་ཆ་ཀློག་པའི་གལ་ཆེའི་རང་བཞིན་དང་དཔེ་ཀློག་གི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐབས་ཤེས་གསུམ་བཤད་ཡོད།

 ༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བདེན་གཏམ་གྱི་སྟོབས་ཞེས་པའི་གཏམ་རྒྱུད་ཅིག་དང་སློབ་གྲོགས་ཨ་རྡོ་ཞེས་པའི་བཞད་གར་ཞིག་བཅས་བཀོད་སྒྲིག་བྱས་ཡོད།                                                                         

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289