ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མཛའ་བརྩེའི་གླུ་གཞས་ཞེས་པ་དང་བྱིས་དུས་ཀྱི་རྒྱན་ཆ་ཞེས་པའི་གླུ་དབྱངས་གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གཡག་རྒན་ཆུར་བརྒལ་བ་ཞེས་པ་དང་བྱི་ལ་རྒན་པོ་ཞེས་པའི་གཏམ་རྒྱུད་གཉིས་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོས་ཡང་དང་བསྐྱར་དུ་བསླབ་ཟིན་པའི་ཤེས་བྱར་སྦྱོང་བ་བྱེད་དགོས་པའི་རྒྱུ་མཚན་ཅི་དང་དཔེ་ཆ་བཀླགས་ཡུན་ཆེས་ལེགས་ཤོས་ནི་ག་ཙམ་ཡིན་པ། འཛམ་གླིང་སྟེང་ཆེས་མཐོ་བའི་མཐོ་སྒང་ནི་གང་ཡིན་ཞེས་པའི་ཤེས་བྱ་ཐུང་ངུ་གསུམ་བཅས་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 13997266165 15202581289