【ཐོས་པ་དགའ་སྐྱེད】ནང་དུ་བུ་ཆུང་བློ་ལྡན་དང་འདྲེ་དམར་ལྡང་ཞེས་པའི་རིས་སྒྲུང་གྲགས་ཅན་ཞིག་དང་ཁ་ཤགས་ཤིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་ལས་དཔེ་ཆ་ཉོ་བ་ཞེས་པ་དང་བདེ་ཐང་ཤེས་བྱ་ལས་སྤྱོད་ལམ་གྱིས་ནད་གསོ་ཐབས་གསར་བ་འགའ་ཞེས་པ་བཅས་བཀོད་སྒྲིག་བྱས་ཡོད།
【ཅོ་ཀའི་དྲུག་འགྱུར】ནང་དུ་དུང་དཀར་ཟླ་བ་ཞེས་པ་དང་མེ་ཏོག་ལྟ་བུའི་ང་ཚོ་ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།
སེམས་སྡུག་གིས་མནར་བའི་བུ་ཆུང་བློ་ལྡན་དང་ཁོའི་ཕ་ལགས།
བུ་ཆུང་བློ་ལྡན་གྱི་ཁོང་ཁྲོ་ལས་འདྲེ་དམར་ལྡང་བྱུང་བ།
བུ་ཆུང་བློ་ལྡན་དང་འདྲེ་དམར་ལྡང་བར་གྱི་འགལ་བ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
ཁྲིད་གཏོང་པ། ཕག་མོ་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཚེ་མགོན།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།
གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com