ན་ཆུང་བྱིས་པའི་དགའ་ཚལ། གཅེས་སུ་འོས་པའི་མི།
2022.10.18 ཁུངས། ཀློག་གྲངས། 49

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་ན་ཆུང་ཚོ་ཞེས་པ་དང་ཨ་ཁུ་ཉི་མ་ཞེས་པའི་བྱིས་གླུ་གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གངས་བུ་གཅེས་ཕྲུག་ཅེས་པ་ལས་ངའི་དགེ་རྒན་བཟང་པོ་ཞེས་པ་དང་སློབ་གྲོགས་བསོད་ནམས་སྒྲོལ་མས་བཤད་པའི་རྡོ་སེང་གེ་ཁ་གདངས་བ་ཞེས་པའི་གཏམ་རྒྱུད་ཅིག སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་བཤད་པའི་རྩེད་ཅེས་པའི་བཞད་གར་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་འབྲེལ་བའི་ཤེས་བྱ་ཐུང་ངུ་ཞིག་དང་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་གཅེས་སུ་འོས་པའི་མི་ཞེས་པའི་རྩོམ་ཐུང་ལེགས་ཤོས་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །

ཁ་པར། 09716329322 13997266165 15202581289